གསང་དོན་གསལ་བསྒྲགས།

ང་ཚོའི་ནམ་རྒྱུན་གྱི་ཡིག་ཆ་བསྡུ་རུབ་བྱེད་ལུགས་་དེ་བཞིན་ཡང་སེ་སྐུལ་བའི་དྲི་བ་ནང་འགྲེལ་བཤད་རྒྱབ་དགོས། ང་ཚོས་བསྡུ་རུབ་བྱས་པའི་ཡིག་ཚགས་ཁག་ལ་ག་དུས་ཡིན་ཡང་གནས་སྐབས་འགྱུར་བ་འདྲ་(མང་དུ་གཏོང་བ།)གཏོང་དགོས་པ་ཐུག་པའི་ཚེ། ང་ཚོས་གང་བྱ་རྒྱུ་ཡིན་མིན་དང་དེའི་ཤུགས་རྐྱེན་གང་ཡོང་མིན་འདིར་འགྲེལ་བཤད་བྱེད་རྒྱུ་ཡིན།

2015-06-01: གསང་དོན་སྲིད་བྱུས་གསར་སྒྱུར།

ང་ཚོ་ག་རེ་བྱེད་ཀྱི་ཡོད་དམ།
ང་ཚོས་གསང་དོན་སྲིད་བྱུས་གསར་སྒྱུར་བྱེད་ཀྱི་ཡོད། འདི་FAQགྱི་དྲི་བ། "སཡི་ཕོན་གྱིས་གནས་ཚུལ་གང་ཕྱོགས་བསྡུས་བྱས་སམ་"་ཞེས་པའི་ལན་འདེབས་བྱས་པ་དང་ཟླ་སྒྲིལ་བཏང་བ་འདིའི་ནང་ཚུད་ཀྱི་ཡོད།
ང་ཚོས་ག་རེ་བྱས་ནས་བྱེད་ཀྱི་ཡོད་དམ།
གསང་དོན་སྲིད་བྱུས་ ཀྱི་དྲྭ་ཤོག་ནི་སྤྱོད་མཁན་ཚོས་སཡི་ཕོན་གྱི་གསང་དོན་དང་ཡིག་ཆ་མཁོ་སྒྲུབ་ཀྱི་སྲིད་བྱུས་དོ་དམ་བྱས་ས་གཅིག་པུ་བལྟ་དགོས། འདིའི་ནང་ཁྱབ་བསྒྲགས་དང་། དཔྱད་ཞིབ། དྲྭ་ཚིགས་གཞན་གྱི་གྲངས་ཐོ་སོགས་གནས་ཚུལ་གསར་བསྒྱུར་བྱེད་ཀྱི་ཡོད།
ང་ཚོས་ག་དུས་བྱེད་ཀྱི་ཡོད་དམ།
འདི་ནི་2015-06-01T00:00Zནས་འགོ་འཛུགས་པ་རེད།

2014-04-17: S3 bucket logging སྒོ་ཕྱེས།

ང་ཚོ་ག་རེ་བྱེད་ཀྱི་ཡོད་དམ།
ཨེ་མ་ཛོན་S3 "དྲྭ་སྣོད།"(དཔེར་ན། གསོག་ཉར་གྱི་སྣོད།) ་གཅིག་གི་ནང་བེད་སྤྱོད་གཏོང་མཁན་གྱི་གྲངས་ཐོ་སྟོན་གྱི་ཡོད། འཕྲུལ་ཆས་དང་འབྲེལ་བའི་རྒྱུ་མཚན་གྱིས་ང་ཚོས་དྲྭ་ཚིགས་དེ་ཐེངས་མང་ཕབ་ཤུས་བྱས་ཏེ་S3དྲྭ་སྣོད་མང་པོའི་ནང་འཁོར་བསྐྱོར་བྱེད་ཀྱི་ཡོད།
ང་ཚོས་ག་རེ་བྱས་ནས་བྱེད་ཀྱི་ཡོད་དམ།
ང་ཚོས་དེ་ལྟར་བྱེད་དགོས་དོན་ནི་"རྒྱང་སྦྲེལ་ཞབས་ཞུའི་འཕྲུལ་ཆས་ཐོ་གཞུང་"ནང་ལ་ག་ཚོད་ཀྱི་དྲྭ་ཚིགས་དེ་བལྟ་ཐུབ་ཀྱི་ཡོད་མིན་བརྟག་དཔྱད་བྱེད་ཀྱི་ཡོད། འདིས་བེད་སྤྱོད་གཏོང་མཁན་ག་ཚོད་མཐུད་ཐུབ་མིན་ང་ཚོར་ཤེས་རྟོགས་ཡོང་བ་ལ་ཕན་གྱི་ཡོད།
ང་ཚོས་ག་དུས་བྱེད་ཀྱི་ཡོད་དམ།
ཟིན་ཐོ་འདི་འགོ་འཛུགས་2014-04-17T15:00Z ནས་2014-04-18T15:00Z.
སྤྱོད་མཁན་གྱི་གྲངས་ཐོ་གང་དང་གང་བསྡུ་གི་ཡོད།
ཟིན་ཐོ་འདིས་དྲྭ་ཚིགས་གཅིག་བེད་སྤྱོད་བྱས་པའི་ IP ཁ་བྱང། སྤྱོད་པ་པོའི་ངོ་ཚབ་དང་། དུས་ཀྱི་ཐམ་ཀ་བཅས་ཀྱི་ཐོ་གཞུང་བསྡུ་རུབ་་བྱེད་ཀྱི་ཡོད། གྲངས་ཐོ་དེ་དག་རྒྱུན་སྤྱོད་བྱེད་བཞིན་པའི་སྐབས་སུ་ང་ཚོས་བེད་སྤྱོད་བྱེད་མཁན་གྱི་གྲངས་རྣམས་རང་རང་གི་ས་གནས་ས་སོར་བགོས་ཏེ་དྲི་བ་ཡོད་པའི་ཡིག་ཆ་རྣམས་བེད་སྤྱོད་བྱེད་ཐུབ།
གྲངས་ཐོ་རྣམས་དུས་ཡུན་ག་ཚོས་བར་དུ་ཉར་གྱི་ཡོད།
ཡིག་ཚགས་རྣམས་བདུན་ཕྲག་གཅིག་ལས་མང་པ་ཉར་གྱི་མེད། ང་ཚོས་སྤྱོད་མཁན་གྱི་གྲངས་ཐོ་དེ་དུས་ཡུན་གང་མཚམས་ཉར་གྱི་ཡོད། ངེས་པ་མེད།
སྤྱོད་མཁན་ག་ཚོད་ལ་ཤུགས་རྐྱེན་ཐེབས་ཡོད།
ང་ཚོས་སྤྱོད་མཁན་ག་ཚོད་ཙམ་ལ་ཤུགས་རྐྱེན་ཐོན་པ་ཏག་ཏག་གཅིག་ཞུ་ཐུབ་ཀྱི་མིན་འདུག (དེ་འདྲ་སོང་ཙང་ང་ཚོས་དེ་ལྟར་བྱ་ཀྱི་ཡོད།།) འོན་ཀྱང་ང་ཚོའི་བསམ་ཚོད་ལ་སྤྱོད་མཁན་མི་10000 ལས་ཉུང་བ་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད།
སཡི་ཕྷོན་ཨིཀ་སཡི་ཕོན་ Inc.ལས་གཞན་པ་སུ་ཡིས་གྲངས་ཐོ་འདི་མཐོང་གི་ཡོད་དམ།
བལྟ་ཐུབ་པའི་ཟིན་ཐོའི་དེ་བཞིན་ཨེ་མ་ཛོན་Amazon S3 bucket ནང་དུའང་གསོག་ཉར་བྱས་ཡོད། (དེས་ན་ཨེ་མ་ཛོན་གྱིས་ཟིན་ཐོ་དེ་དག་ལྟ་ཐུབ།) ཨེ་མ་ཛོན་གྱིས་ཡིག་ཆ་རྣམས་གཅེས་ཉར་བྱེད་ཅིང་གནས་ཚུལ་དེ་དག་ལ་ལྟ་ཐུབ་ཀྱི་ཡོད།